|
གནམ་ལོ་
༢༠༠༤ ལས་ ༢༠༠༧ བར་གྱི་ གོ་རིམ་དང་པ་འདི་
མཐར་འཁྱོལ་ཅན་སྦེ་མཇུག་བསྡུ་བའི་ཤུལ་ལས་ དོ་རུང་ འཕྲོ་མཐུད་དེ་ སྤྱི་ལོ་
༢༠༠༧ ལས་འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༡༠ གྱི་བར་ པཱན་
ལོ་ཀ་ལ་ཡེ་ཛེ་ཤཱན་ལས་འགུལ་འདི་ནང་
བསྡོམས་རོགས་ཀྱི་འབྲེལ་བ་བཟོ་ནི་གི་དོན་ལུ་ ཁྱབ་བསྒྲགས་འབདཝ་ཨིན།
དེ་ཡང་ གཡུས་སྐད་ གློག་རིག་ནང་བཙུགས་ནིའི་དོན་ལས་
ལུང་ཕྱོགས་སྤེལ་ཁང་ཚུ་ནང་ ལྕོགས་གྲུབ་རྒྱ་བསྐྱེད་གཏང་ནིའི་དོན་ལུ་
ལྷ་དང་ལྷོ་-ཤར་ཨེ་ཤི་ཡ་ལུང་ཕྱོགས་ཚུ་
མཉམ་འབྲེལ་གྱི་ཐོག་ལས་ བསྡོམས་རོགས་འབྲེལ་བ་བཟོ་ནི།
པཱན་
ལོ་ཀ་ལ་ཡེ་ཛེ་ཤཱན་ལས་འགུལ་ གོ་རིམ་དང་པ་འདི་ ཨེ་ཤི་ཡཱན་རྒྱལ་ཁབ་བདུན་ནང་
ས་གནས་ཀྱི་སྐད་ཡིག་ཚད་ལྡན་དང་ཐབས་རིག་གོང་འཕེལ་གཏང་ཐབས་ལུ་
གཙོ་བོར་བཏོན་ཡོདཔ་ཨིན། ལས་འགུལ་འདི་གི་གྲངས་སུ་ཡོད་པའི་རྒྱལ་ཁབ་(དང་སྐད་ཡིག་)
ཚུ་ ཨཕ་ག་ནིསི་ཏཱན་(པེཤ་ཏོ་)
བང་ལ་དེཤ་(བང་ལ་)
འབྲུག་(རྫོང་ཁ་)
ཀེམ་བོ་ཌི་ཡ་(ཁེ་མར་)
ལའོསི་(ལའོ་)
དང་ ནེ་པཱལ་(ནེ་པ་ལི་)
དེ་ལས་ སི་རི་ལངྐ་(སིན་ཧ་ལ་/ཏ་མིལ་)
ཚུ་ཨིན།
ལས་འགུལ་གོ་རིམ་དང་པ་འདི་ མཇུག་བསྡུ་ཞིནམ་ལས་ རྒྱལ་ཁབ་དེ་ཚུ་ནང་
འཆར་གཞི་ལྟར་དུ་ ཞིབ་འཚོལ་གྱི་ལཱ་ཚུ་ མཐར་འཁྱོལ་ཅན་སྦེ་
མཇུག་བསྡུ་ཡོདཔ་མ་ཚད་ ས་གནས་ཀྱི་སྐད་ཡིག་ཐབས་རིག་དང་གློག་རིམ་ཚུ་ཡང་
གོང་འཕེལ་བཏང་ཡོདཔ་ཨིན། ལས་འགུལ་གོ་རིམ་དང་པའི་གྲུབ་འབྲས་ཚུ་ཡང་
རྗོང་ཁ་དང་ནེ་པ་ལི་སྐད་ཡིག་ནང་ ལི་ནགསི་གོང་འཕེལ་དང་བགོ་བཀྲམ་ གསར་བཏོན་
སིན་ཧ་ལ་དང་བང་ལ་ དེ་ལས་ ལའོ་གི་སྐད་ཡིག་ནང་
འོད་ཐོག་ཡིག་རིགས་ངོས་འཛིན་རིམ་ལུགས་ བང་ལ་ རྫོང་ཁ་ ཁེ་མར་དང་ལའོ་
དེ་ལས་ ནེ་པ་ལི་སྐད་ཡིག་ནང་སྤྱོད་ཆས་ ཚིག་མཛོད་དང་སྡེབ་དཔྱད་
སིན་ཧ་ལ་སྐད་ཡིག་ནང་ ཡིག་ཐོག་ལས་སྒྲ་སྐད་རིམ་ལུགས་ གཞན་ཡང་ ལྡེ་སྒྲོམ་
གོ་སྒྲིག་ཚད་ལྡན་དང་ ཡིག་གཟུགས་ཚུ་ཨིན།
མཉེན་ཆས་དང་འབྲེལ་བའི་ཞིབ་འཚོལ་གྲུབ་འབྲས་ཐོ་ཡིག་ཚུ་ ཡོངས་རྫོགས་སྦེ་
ཡོངས་འབྲེལ་ས་ཁོངས་ནང་ལུ་ གྲུབ་འབྲས་འབྲེལ་ལམ་ནང་ བཀོད་དེ་ཡོདཔ་ཨིན།
ལས་འགུལ་འདི་གིས་
སྐད་ཡིག་ཐབས་རིག་གོང་འཕེལ་གཏང་ནིའི་ལྕོགས་གྲུབ་རྒྱ་བསྐྱེད་འབད་ནི་གི་དོན་ལུ་
བསྡོམས་རོགས་རྒྱལ་ཁབ་ཆ་མཉམ་ནང་
རྒྱལ་ཡོངས་དང་ལུང་ཕྱོགས་སྦྱོང་བརྡར་ལས་རིམ་ཅིག་ དུས་ཐུང་དང་དུས་རིང་སྦེ་
འགོ་འདྲེན་འཐབ་ཡོདཔ་ཨིན། སྦྱོང་བརྡར་དེ་ཡང་ སྐད་ཡིག་ ཚད་ལྡན་གོང་འཕེལ་
ཀུན་གྱིས་ཐོབ་པའི་མཉེན་ཆས་ཡུལ་མཐུན་བཟོ་བ་
ངག་བརྗོད་ལས་སྦྱོར་དང་ཡིག་ཚུགས་ལས་སྦྱོར་ དེ་ལས་
གློག་རིག་དང་འབྲེལ་བའི་སྐད་ཡིག་ཚུ་བྱིན་ཡོདཔ་ཨིན།
སྦྱོང་བརྡར་འགོ་འདྲེན་འཐབ་མི་དང་ སྦྱོང་བརྡར་ལས་རིམ་ དེ་ལས་
སྦྱོང་བརྡར་རྒྱུ་དངོས་ཚུ་ ཁ་གསལ་སྦེ་ ལས་འགུལ་གྱི་ཝེབ་ས་ཁོངས་(ལས་དོན་འབྲེལ་ལམ་)
ནང་ བཀོད་དེ་ཡོད།
དེ་མ་ཚད་ ལས་འགུལ་འདི་གིས་
སྐད་ཡིག་གློག་རིག་ནང་བཙུགས་པའི་ཤེས་ཡོན་རུབ་སྤྱོད་འབད་ནི་ནང་
ཞིབ་འཚོལཔ་ཨེ་ཤི་ཡཱན་ཡོངས་འབྲེལ་འདི་
སྒྲིང་སྒྲིང་དང་རྩ་བརྟན་བཟོ་ཡོདཔ་ཨིན།
ལས་འགུལ་འདི་གིས་ ད་ལྟོའི་བར་ཡང་ ཞིབ་འཚོལ་སྙན་ཞུ་གསར་བཏོན་
ཕན་ནུས་ཆེ་བའི་ལས་སྦྱོར་དང་གྲུབ་འབྲས་ དེ་ལས་ ངོ་སྦྱོར་ཚུ་
ཡིག་ཐོག་བཀོད་དེ་ཡོདཔ་ཨིན།
པཱན་
ལོ་ཀ་ལ་ཡེ་ཛེ་ཤཱན་ལས་འགུལ་ གོ་རིམ་གཉིས་པ་འདི་གིས་
བརྒྱུད་འབྲེལ་དང་གཡུས་སྐད་ནང་དོན་གྱི་དོན་ལུ་
ཡུལ་མཐུན་བཟོས་གྲུབ་པའི་ཐབས་རིག་གི་ཐོག་ལས་
ལག་ལེན་པའི་ཌི་ཇི་ཊཱལ་ཤེས་ཡོན་དང་འབྲེལ་བའི་གདོང་ལེན་ཚུ་
ཞིབ་འཚོལ་འབད་ནི་ཨིན།
གཞན་ཡང་ ལས་འགུལ་འདི་གིས་ མིག་གཏད་ཅན་གྱི་སྐད་ཡིག་འདི་
ལྷག་པར་གོང་འཕེལ་གཏང་ནི་ཨིན།
ལས་འགུལ་གོ་རིམ་གཉིས་པའི་དམིགས་དོན་གཙོ་བོ་ཚུ་:
༡༽
གཡུས་སྐད་གློག་རིག་ནང་བཙུགས་ནི་དང་ནང་དོན་ ལག་ལེན་འཐབ་པའི་ཐོག་ལས་
ཌི་ཇི་ཊཱལ་ཤེས་ཡོན་ གོང་འཕེལ་གཏང་ནི་ལུ་ ཕན་ནུས་ཆེ་བའི་ཐབས་ཤེས་
ཞིབ་འཇུག་འབད་ནི།
༢༽
གཡུས་སྐད་ཐོག་ལུ་ ཞིབ་འཚོལ་དང་གོང་འཕེལ་གྱི་དོན་ལས་
ཡུན་བརྟན་མི་སྟོབས་ལྕོགས་གྲུབ་ གོང་འཕེལ་གཏང་ནི། དེ་ལས་
ཐབས་ཤེས་དེ་གི་ཐོག་ལུ་ ཨེ་ཤི་ཡཱན་སྐད་ཡིག་ནང་ལུ་
ད་ལྟོའི་གནས་ཚད་ལས་ལྷག་སྟེ་ ཐབས་རིག་རྒྱབ་སྐྱོར་ ཆེར་བསྐྱེད་འབད་ནི།
༣༽
གཡུས་སྐད་གློག་རིག་ནང་བཙུགས་ནི་དང་ དེའི་ནང་དོན་ཚུ་ གོང་འཕེལ་གཏང་ནི་དང་
ལག་ལེན་འཐབ་ནི་གི་དོན་ལུ་ སྲིད་བྱུས་ གོང་འཕེལ་གཏང་ནི།
༤༽
གཡུས་སྐད་ཐབས་རིག་འདི་ མི་སྡེའི་ནང་ ཆ་འཇོག་གྲུབ་མི་དང་འབྲེལ་ཏེ་
ཕན་ཤུགས་ཅན་གྱི་ ཆོས་ཚན་སྣ་མང་ཞིབ་འཚོལ་ ཚོད་དཔག་འབད་ནི་ལུ་
ཞིབ་འཇུག་དང་ ཁུངས་གསལ་ཅན་གྱི་ཐབས་ལམ་ ཚུ་གོང་འཕེལ་གཏང་ནི།
ལས་འགུལ་འདི་ སི་ཨར་ཡུ་ཨེལ་པི་ དང་ ཨེན་ཡུ་སི་ཨི་ཨེསི་ལུ་
ཞིབ་འཚོལ་པ་ཚུ་གིས་ འགོ་འཁྲིད་འབད་ནི་ཨིན། སི་ཨར་ཡུ་ཨེལ་པི་གིས་ གཞུང་གི་ལས་སྡེ་དང་གཙུག་ལག་སློབ་སྡེ་
དེ་ལས་ སྒེར་སྡེ་ཚུ་ནང་ལས་ བརྡ་བརྒྱུད་འཕྲུལ་རིག་གི་ཞིབ་འཚོལ་པ་དང་
ཁྱད་རིག་གི་ལཱ་འབད་མི་ དེ་ལས་
སྐད་ཡིག་མཁས་མཆོག་དང་སྲིད་བྱུས་རྩོམ་མི་ཚུ་ལས་བརྒྱུད་དེ་
ཨེ་ཤི་ཡ་ལུང་ཕྱོགས་ག་ར་ནང་ འགོ་འདྲེན་འཐབ་ནི་ཨིན།
ལས་འགུལ་གོ་རིམ་གཉིས་པའི་ནང་ འབྲེལ་གཏོགས་ཞུགས་མི་
རྒྱལ་ཁབ་༼དང་སྐད་ཡིག་༽ཚུ་ ཨཕ་གཱ་ནིས་ཏཱན་༼པེཤ་ཏོ་༽ བང་ལ་དེཤ་༼བང་ལ་༽
འབྲུག་༼རྫོང་ཁ་༽ ཀེམ་བོ་ཌི་ཡ་༼ཁེ་མར་༽ རྒྱ་ནག་༼བོད་སྐད་༽ ལའོསི་༼ལའོ་༽
མོངྒོ་ལི་ཡ་༼མོངྒོ་ལི་ཡཱན་༽ ནེ་པཱལ་༼ནེ་པ་ལི་༽ པ་ཀིས་ཏཱན་༼ཨུར་དུ་༽ དང་
སི་རི་ལངྐ་༼སིན་ཧ་ལ་ ཏ་མིལ་༽ ཚུ་ཨིན།
ལས་འགུལ་གོ་རིམ་གཉིས་པའི་དམིགས་དོན་ཅིག་ བསྡོམས་རོགས་རྒྱལ་ཁབ་ཚུ་ནང་
ལག་ལེན་པ་ག་ར་ལུ་ གོ་རིམ་དང་པའི་ནང་ བཟོས་གྲུབ་པའི་
ཡུལ་མཐུན་ཅན་གྱི་ཐབས་རིག་
ལག་ལེན་འཐབ་ཐངས་ཀྱི་སྦྱོང་བརྡར་ཅིག་བྱིན་ནི་འདི་ཨིན། དེ་ཡང་
མི་སྡེ་དཔལ་འབྱོར་གྱི་ཁེ་ཕན་འཐོབ་ཚུགས་ནི་གི་དོན་ལུ་ཨིན། གཞན་ཡང་
ལས་འགུལ་འདི་གིས་ ལག་ལེན་པའི་སྡེ་ཚན་སོར་སོ་ལུ་ སྦྱོང་བརྡར་ཅིག་
བྱིན་ནི་གི་དོན་ལས་ ཕན་ཤུགས་ཅན་གྱི་སློབ་སྦྱོང་བྱིན་ནི་ཨིན། དེ་ཡང་
ག་ཅིག་གི་དོན་ལུ་སྨོ་ཟེར་བ་ཅིན་ བསྡོམས་རོགས་རྒྱལ་ཁབ་མང་ཤོས་ཅིག་ནང་ལུ་
གྲོང་གསེབ་ སློབ་ཕྲུག་ དགེ་སློང་ གཞུང་གཡོགཔ་ སྒེར་སྡེ་ལ་སོགས་པ་ཚུ་ལུ་
གཡུས་སྐད་ནང་དོན་ཚུ་
འཐོབ་ཚུགསཔ་བཟོ་ནི་དང་དཔེ་བསྐྲུན་འབད་ནི་གི་དོན་ལས་ཨིན།
སྡེ་ཚན་དེ་ཚུ་གིས་ ཡོངས་འབྲེལ་ས་ཁོངས་ལས་བརྒྱུད་དེ་
ཡིག་ཆ་བཟོ་སྦྱོར་འབད་ནི་དང་ ཡོངས་འབྲེལ་ནང་འཛུལ་སྤྱོད་འབད་ནི་ དེ་ལས་
ས་གནས་ནང་དོན་ཚུ་ དཔེ་བསྐྲུན་འབད་ནི་གི་དོན་ལུ་ སྦྱོང་བརྡར་བྱིན་ནི་ཨིན།
དེ་གི་དོན་ལས་ སྦྱོང་བརྡར་རྒྱུ་ཆས་ཚུ་ཡང་
གྲལ་གཏོགས་ཡོད་པའི་རྒྱལ་ཁབ་རང་སོའི་གཡུས་སྐད་ནང་སྦེ་
བཟོ་སྦྱོར་འབད་ནི་ཨིན།
པཱན་
ལོ་ཀ་ལ་ཡེ་ཛེ་ཤཱན་ གོ་རིམ་ ༢ པ་གིས་ དགོས་མཁོ་བསྡུ་སྒྲིག་དང་
གསར་བསྐྲུན་ དེ་ལས་ ལས་འགུལ་གྱི་ཁ་སྐད་མ་འདྲཝ་ཚུ་ གཡོག་བཀོལ་ནི་རྩིས་ཏེ་
གཞན་ཡང་ ས་གནས་ནང་དོན་གོང་འཕེལ་དང་འབྲེལ་བའི་ གནད་དོན་ཁག་མ་འདྲཝ་ཚུ་
གོང་འཕེལ་གཏང་ནི་ཨིན། ཞིབ་འཚོལ་འདི་གིས་ གཙོ་བོ་ར་ རྒྱལ་ཁབ་དང་སྐད་ཡིག་
དེ་ལས་ མི་སྡེ་སོར་སོ་ཚུ་ནང་ ལག་ལེན་པའི་སྡེ་ཚན་དང་ ཁོང་རའི་
གཡུས་སྐད་ནང་དོན་གྱི་དགོས་མཁོ་ཚུ་ ངོས་འཛིན་འབད་ནི་གི་དོན་ལུ་
འོས་ལྡན་གྱི་དཔེ་ཚུ་དང་ འབྲེལ་བ་འཐབ་ནི་ཨིན། ལྷག་པར་ དེ་གིས་
གཡུས་སྐད་ནང་དོན་འདི་ གློག་ཐོག་དཔེ་བསྐྲུན་འབད་ནི་གི་དོན་ལུ་
ད་ལྟོའི་གནས་ཚད་ཀྱི་ཕན་ཤུགས་སློབ་སྦྱོང་གི་ དཀའ་ངལ་སེལ་ནི་ཨིན། དོ་རུང་
ལས་འགུལ་འདི་གིས་ ནང་དོན་དང་སྐད་ཡིག་རྒྱུ་ཁུངས་
གོང་འཕེལ་དང་དཔེ་བསྐྲུན་འབད་ནི་ལུ་ ཕན་ནུས་ཆེ་བའི་ཐབས་ལམ་ཐོག་ལུ་
ཞིབ་འཚོལ་སྙན་ཞུ་ གསར་བཏོན་འབད་ནི་ཨིན།
གོ་རིམ་
༢ པའི་ནང་ འབྲེལ་ཡོད་ལུང་ཕྱོགས་ག་ར་ནང་ སྐད་ཡིག་ རྩ་གཏན་བཟོ་ནི་ནང་དང་
ཧེང་སྐལ་ མཐོ་རིམ་ཅན་གྱི་ལག་ལེན་པའི་གློག་རིམ་ཚུ་ ཡར་རྒྱས་གཏང་ནི་
དེ་ལས་ ཡར་ཐོན་འགྲུལ་འཕྲིན་མཉེན་རིམ་གྱི་ཡུལ་མཐུན་བཟོ་བའི་
ཐབས་ཤེས་འཚོལ་ནིའི་དམིགས་དོན་བསྐྱེདཔ་ཨིན། ཞིབ་འཚོལ་དེ་གི་ཐོག་ལུ་
གདོང་ལེན་དང་ གཡུས་སྐད་ཐབས་རིག་ གོང་འཕེལ་གཏང་ནི་ལུ་ གཡུས་སྐད་ཚད་ལྡན་
དང་ལག་ཆས་ དེ་ལས་ འཆར་བཀོད་ཚུ་ ཡར་རྒྱས་གཏང་ཐབས་ཀྱི་ཞིབ་འཇུག་འབད་ནི།
འཆར་གཞི་ཅན་གྱི་གྲུབ་འབྲས་ཚུ་ སྒྲ་སྐད་ངོས་འཛིན་རིམ་ལུགས་
ཡིག་ཐོག་ལས་སྒྲ་སྐད་རིམ་ལུགས་ ཀུན་གྱིས་ཐོབ་པའི་ཨོ་ཕིསི་ཡུལ་མཐུན་བཟོ་བ་
འགྲུལ་འཕྲིན་ལག་ལེན་ ལི་ནགསི་བཀྲམ་སྤེལ་དང་ སྐད་ཡིག་ལས་སྦྱོར་ལག་ལེན་
དཔེར་ན་ མིང་རྟགས་ཅན་གྱི་ཀོར་པོ་ར་ འདྲ་ཟུང་ཀོར་པོ་ར་ ཚིག་མཛོད་དང་
མིང་ཚིག་ཆ་བགོས་ལག་ལེན་ དེ་ལས་ ཚིག་འབྲུ་རིག་པ་དང་
ཚིག་སྦྱོར་དཔྱད་ཞིབ་ཚུ་ཨིན། གློག་རིམ་དེ་ཚུ་ བསྡོམས་རོགས་རྒྱལཁབ་ཚུ་ནང་
སྐད་ཡིག་སྣ་མང་གི་ཐོག་ལུ་ གོང་འཕེལ་གཏང་ནི་ཨིན།
ལས་འགུལ་དེ་གིས་ གོང་གི་གནད་དོན་ཚུ་ལུ་རྐྱངམ་ཅིག་ བལྟ་ནི་མེན་པར་
གཞན་ཡང་ གཡུས་སྐད་ཐབས་རིག་ སྦྱོང་བརྡར་དང་ནང་དོན་ དེ་ལས་
དབྱེ་ཞིབ་འབད་བཏུབ་པའི་ཐབས་རིག་ གོང་འཕེལ་དང་རྒྱ་བསྐྱེད་གཏང་ནི་ལུ་
སྲིད་བྱུས་རྒྱབ་སྐྱོར་ འགོ་འདྲེན་འཐབ་ནི་ཨིན། དེ་བཟུམ་གྱི་ལས་འགུལ་
འགོ་འདྲེན་འཐབ་མི་འདི་གིས་ གློག་རིག་གི་ཤེས་ཡོན་དང་མ་ལྡན་པའི་ ཨེ་ཤི་ཡ་
ལུང་ཕྱོགས་ཀྱི་གྲོང་གསེབ་ཚུ་ནང་ དམིགས་བསལ་གྱིས་ ཨིན་སྐད་མ་ཤེས་མི་ཚུ་ལུ་
ཕན་ཐོགས་སྦོམ་སྦེ་ར་འབྱུང་ཚུགས།
|