PAN L10n Wiki : GraphicsInternetPage14

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
བཀང་ནི་དང་སི་ཊོག་འབད་ཐངས།

༡༽ བཀང་ནི་དང་ འཐེན་རིས་བཀལ་ནི་གི་ ཌའི་ལོག་ སྒྲོམ་འདི་ཁ་ཕྱེ་ནིའི་དོན་ལུ་ Shift+Ctrl+F འདི་ཨེབ་དགོ། འདི་ནང་ལུ་ཨེབ་ལྡེ་གསུམ་ཡོད་ དེ་ཡང་ བཀང་ནི་དང་ འཐེན་རིས་བཀལ་ནི་ འཐེན་རིས་བཟོ་རྣམ་ཚུ་ཡོད།

བཀང་ནི་ : བཀང་ནི་འདི་ སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་ལུ་ འཐེན་རིས་ལྷམ་པ་མ་འདྲཝ་སྦེ་བཀལ་ཡོད་མི་ཚུ་གདམ་ཁ་རྐྱབ་པའི་ཐོག་ལས་ ཞུན་དག་འབད་ནིའི་དོན་ལུ་ལག་ལེན་འཐབ་ཨིན། འདི་ནང་ལུ་ ཚོནགཏམ་ཁ་རྐྱབ་ནི་དང་ (RGB, CMYK, HSL and Wheel ) འཐུ་ནི་གི་ཨེབ་ལྡེ་འདི་ སེལ་འཐུ་འབད་ཡོད་མི་དངོས་པོ་ཚུ་གི་དོན་ལུ་ ཚོན་དང་དྭངས་སྒྲིབ་གཞི་སྒྲིག་འབད་ནི་གི་དོན་ལུ་ ལག་ལེན་འཐབ་ཨིན།

འཐེན་རིས་བཀལ་ནི་ : འཐེན་རིས་བཀལ་ནི་འདི་ སེལ་འཐུ་འབད་ཡོད་པའི་དངོས་པོ་གི་ མཐའ་ཐིག་རྩ་བསྐྲད་བཏང་ནི་དང་ དེ་ལས་ ཚོན་གྱི་རིགས་ དང་ དྭངས་གསལ་ཚུ་འོས་འབབ་དང་བསྟུན་ཏེ་འགན་སྤྲོད་ འབད་ནིའི་དོན་ལུ་ ལག་ལེན་འཐབ་ཨིན། འདི་དང་འདྲཝ་སྦེ་ འཇོག་བྱེད་ཀྱི་ལག་ཆས་སེལ་འཐུ་འབད་ནིའི་དོན་ལུ་ F7 དེ་ཨེབ་གཏང་འབད་ཞིནམ་ལས་ དེ་ལས་ སེལ་འཐུ་འབད་ཡོད་པའི་ཚོས་གཞི་འདི་འགན་སྤྲོད་འབད་ནིའི་དོན་ལུ་ པར་བྲིས་ལག་ཆས་གུ་ ཨེབ་གཏང་འབད།( Shit+Click )

འཐེན་རིས་བཟོ་རྣམ་: འཐེན་རིས་བཟོ་རྣམ་འདི་ འཐེན་རིས་ཀྱི་རྒྱ་ཚད་དང་ གཞན་མི་ཚད་བཟུང་ཚུ་གཞི་སྒྲིག་འབད་ནིའི་དོན་ལུ་ལག་ལེན་འཐབ་ཨིན།
ཚོས་གཞི་ལེབ་ཏེམ་གྱི་ཚབ་ལུ་ སྟེགས་རིས་ལག་ལེན་འབཐ་མི་འདི་གིས་ དངོས་པོ་དང་ དངོས་པོའི་ཚོས་གཞི་འདི་དྭངས་སྒྲིབ་ཅན་སྦེ་ཡོད་མི་ལས་ དྭངས་གསལ་ཅན་སྦེ་གསར་བསྐྲུན་འབདཝ་ཨིན།

There are 923 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.2557 seconds