PAN L10n Wiki : GraphicsInternetPage36

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
ཁྱོད་རའི་ འཕྲལ་མགྱོགས་ འཚོལ་ཞིབ་ བར་ཅུ་ཡལ་ སྣོད་འཛིན་སྦེ་ སྲུང་བཞག་འབད་ནི་:

ཁྱོད་ཀྱིས་ དུས་རྒྱུན་ འཕྲལ་མགྱོགས་ འཚོལ་ཞིབ་ བྱ་བ་ གཅིག་ར་ལག་ལེན་འཐབ་པ་ཅིན་ འཕྲལ་མགྱོགས་ འཚོལ་ཞིབ་ཀྱི་གདམ་ཐོ་ དཀར་ཆག་ནང་ལས་ འཚོལ་ཞིབ་དེ་སྣོད་འཛིན་སྦེ་ སྲུངས་ ཨེབ་གཏང་འབད་ཐོག་ལས་ ཁྱོད་རའི་ ཚད་བཟུང་ཚུ་ གསལ་བཀོད་འབད་བའི་ཤུལ་ལུ་ དེ་ འཚོལ་ཞིབ་ སྣོད་འཛིན་སྦེ་ སྲུང་བཞག་འབད་བཏུབ།

image image

དཔེར་ན་ སྲུང་བཞག་འབད་ཡོད་པའི་ འཕྲལ་མགྱོགས་ འཚོལ་ཞིབ་ “བར་ཅུ་ཡལ་སྣོད་འཛིན་”གུ་ ཨེབ་གཏང་འབདཝ་ད་ ནང་སྒྲོམ་ནང་ལུ་ དོན་ཚན་ གྲལ་ཐིག་“L10n” སྦེ་ཡོད་མི་ གློག་འཕྲིན་ཚུ་ མཐོང་འོང་།

image

ཡིག་འཕྲིན་གཏང་ནི་དང་ཐོབ་ནི།
ང་བཅས་ར་ ཆ་རོགས་དང་ཆོས་གྲཽགས་ དེ་ལས་ ཞབས་ཏོག་སྤྱོད་མི་ཚུ་དང་གཅིག་ཁར་འབྲེལ་བ་འཐབ་ནི་ལུ་ ཐཱན་ཌར་བརཌི་འདི་ལག་ལེན་འཐབ་ཨིན། དེ་ཡང་ ཧིང་སངས་དང་རྒྱ་ཆེ་བ་ དེ་ལས་ གནས་རིམ་ཅན་གྱི་ངོས་པར་དང་ལྡནམ་ལས་ ལག་ལེན་པ་གིས་ ལག་ལེན་འཐབ་ནི་ཡང་ འཇམ་ཏོང་ཏོ་དང་སྟབས་བདེ་ཏོག་ཏོ་ཡོདཔ་ཨིན།
༡. “བྲིས་” ཨེབ་རྟ་ལུ་ཨེབ་(Ctrl+M་ ཡང་ན་ Ctrl་+N་)གཏང་འབད་བའི་ཚེ་ གློག་འཕྲིན་སྟོངམ་གསརཔ་ཅིག་ པོཔ་ཨཔ་འབད་འོང་།
ཁྱོད་ཀྱི་གློག་འཕྲིན་འདི་ གུ་གི་གདམ་ཐོ་ནང་མཐོང་ཚུགས། དེ་བསྒང་ ཁྱཽད་རའི་ མིང་དང་གླཽག་འཕྲིན་ཁ་བྱང་ དེ་ལས་ གློག་འཕྲིན་རྩིས་ཐོའི་ནང་བཀོད་པའི་སྐྱོན་མིང་ཚུ་སྟོན་འོང་།
དེ་གི་ཤུལ་ལས་ གྲལ་ཐིག་སོར་སོའི་ནང་ ཐོབ་མཁན་གྱི་གླཽག་འཕྲིན་ཁ་བྱང་འདི་འཐུ། འོག་ལུ་གྲལ་ཐིག་བཞི་ཡོདཔ་དང་ ཧེང་བཀལ་ཁ་སྐོང་རྐྱབ་བཏུབ་ཨིན།
མཇུག་གི་གྲལ་ཐིག་འདི་ གློག་འཕྲིན་མགོ་མིང་བཙུགས་སའི་ དོན་ཚན་གྲལ་ཐིག་ཨིན། ཐཱན་ཌར་བརཌི་གིས་ གླཽག་འཕྲིན་མགོ་མིང་༼དོན་ཚན་མེད་འདི་ སྔོན་སྒྲིག་མགོ་མིང་ཨིན་༽ བཙུགས་ནིའི་གོ་སྐབས་ ཚར་གཅིག་བྱིན་འོང་།
གླཽག་འཕྲིན་ནང་དོན་ཚུ་ མཇུག་ལུ་བྲིས་ཏེ་འོང་ནི་ཨིནམ་ལས་ “འབྱཽར་ལྡན་ཚིག་ཡིག་ཞུན་དག་” ཟེར་ གློག་འཕྲིན་རྩ་སྒྲིག་འབད་ནི་གི་དོན་ལུ་ ཡིག་གཟུགས་མ་འདྲཝ་ ཡིག་གཟུགས་ཀྱི་ཚད་ ཡིག་གཟུགས་ཀྱི་བཟོ་རྣམ་ ཨང་བཏགས་ཅན་གྱི་ཐོ་ཡིག་ལ་སོགས་པ་ རང་གི་བློ་འདོད་ལྟར་དུ་ ལག་ལེན་འཐབ་ཚུགས།
ཁྱོད་ཀྱིས་ ཞུན་དག་འབད་མི་གློག་འཕྲིན་འདི་ ཟིན་བྲིས་སྦེ་སྲུང་ནི་ལུ་ Ctrl+S

image

༢༽ ཐཱན་ཌར་བཌི་འདི་གིས་ རང་སོའི་གློག་འཕྲིན་གྱི་ནང་དོན་ཚུ་རྩ་སྒྲིག་འབད་མི་ ལག་ཆས་ཕྲ་རིང་རྩ་སྒྲིག་འབད་ནི་དེ་ལག་ལེན་འཐབ་པའི་ཐོག་ལས་ “ཚིག་ཡིག་སྟོངམ་ཡོད་མི་” གློག་འཕྲིན་དང་ “རྩ་སྒྲིག་ལེགས་ཤོམ་ཡོད་མི་” གློག་འཕྲིན་ཚུ་ལུ་རྒྱབ་སྐྱོར་འབདཝ་ཨིན།

༣༽ གློག་འཕྲིན་ནང་ལུ་ ཚིག་ཡིག་མེན་མི་ཚུ་བཙུགས་ནིའི་དོན་ལུ་ བཙུགས་ཟེར་མི་ཨེབ་རྟ་འདི་ལག་ལེན་འཐབ། འབྲེལ་མཐུད་འདི་བཙུགས་ནིའི་དོན་ལུ་ Ctrl+L འདི་ཨེབ་དགོ།

image

ཨེབ་གཏང་འབད་བཏུབ་པའི་འབྲེལ་ལམ།
གློག་འཕྲིན་ནང་ལུ་ཡོད་མི་ ནང་འཁོད་ས་ཁོངས་ཚུ་ དཔག་མི་ “ཨེན་ཀོར” ཡང་ན་ འབླེལ་ལམ།
ཁྱོད་རའི་ཧརཌི་ཌའིབ་ ཡང་ན་ ཨིན་ཊར་ནེཊི་གང་རུང་ནང་གི་གཟུགས་བརྙེན།
ཚིག་ཡིག་གི་ཆ་བགོས་ཚུ་སོ་སོ་ཁ་འཕྲལ་ཏེ་བཞག་ནིའི་དོན་ལུ་ “H-Line” (ཐད་སྙོམས་སྦེ་ཡོད་མི་གྲལ་ཐིག།)
ཐིག་ཁྲམ་དང་འབྲེལ་པའི་གནད་སྡུད་བཀྲམ་སྟོན་འབད་ནི་གི་ཐིག་ཁྲམ།

༤༽ ཁྱོད་ཀྱིས་ རང་སོའི་གློག་འཕྲིན་ཚུ་ལེགས་ཤོམ་བཟོ་ནི་དང་ ཕྱོགས་བསྒྲིགས་བཀལ་ནིའི་དོན་ལུ་ “Emotions” ཟེར་མི་
སི་མའི་ལི་ འདི་ཡང་བཙུགས་ཚུགས། གལ་སྲིད་ གློག་འཕྲིན་གྱི་ཞབས་ཏོག་སྤྱོད་མི་འདི་གིས་ སི་མའི་ལི་བཀོད་རྣམ་ཚུ་ལུ་ རྒྱབ་སྐྱོར་མ་འབད་བ་ཅིན་ ཝིནཀི་འདི་ “ ;) ” བཟུམ་སྦེ་བྱུངམ་ཨིན།

image

There are 4230 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.6478 seconds