PAN L10n Wiki : Page18

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
ཇི་ནོམ་ ཌེཀསི་ཊོཔ།
ཇི་ནོམ་ ཌེགསི་ཊོཔ་དེ་ འཕྲལ་འཕྲལ་རང་ ལག་ལེན་འཐབ་དེ་ཡོད་པའི་ ལས་རིམ་ཚུ་གི་དོན་ལུ་ མགྱོགས་ཐབས་དང་ ངོས་དཔར་ཚུ་ ཡོད་པའི་ གློག་རིག་ བཀྲམ་སྟོན་ ས་ཁོངས་ཅིག་ཨིན། འདི་ ལི་ནགསི་ རིམ་ལུགས་ནང་ལུ་ གློག་རིག་ ཨིན་ཊར་ནེཊི་ མིང་ཚིག་བཟོ་སྦྱོར་འབད་ནི་ ལག་ཆས་ སྣོད་འཛིན་ཡིག་སྣོད་ལ་སོགས་པ་ ཚུ་ལུ་ ལག་ལེན་པའི་ཚད་རིས་ཀྱི་ ངོས་འདྲ་བ་ ཨིན།
ཇི་ནོམ་ དང་ཀེ་ཌི་ཨི་ དེ་ ལི་ནགསི་དང་གཅིག་ཁར་ ལག་ལེན་འཐབ་ནི་ཡོད་པའི་ ཌེཀསི་ཊོཔ་ མངའ་ཁོངས་ཅིག་ཨིན།
ཆ་ཤས་ གཙོ་བོ་ཚུ་:
༡.ཌེཀསི་ཊོཔ་
༢.ནའུ་ཊི་ལཱསི་ ཡིག་སྣོད་ འཛིན་སྐྱོང་པ་
༣.ལཱ་གི་ས་སྒོ་
༤. པེ་ནཱལ་ དང་ དཀར་ཆག་
༥. ཚེས་གྲངས་ དང་ ཆུ་ཚོད་
༦.ལས་ཀའི་ ཕྲ་རིང་
༧. ཇི་ནོམ་ ཨེཔ་ལེཊི་
༨. དགའ་གདམ་ཚུ་
༩. ཕྱགས་ཧོད་

ཌེཀསི་ཊོཔ:ཌེཀསི་ཊོཔ་དེ་ ལག་ལེན་པའི་ངོས་འདྲ་བའི་ ཆ་ཤས་ཤུགས་ལྡན་ཅིག་ཨིནམ་མ་ཚད་ འདི་གིས་ ཡིག་སྣོད་ དང་ སྣོད་འཛིན་ཚུ་ལུ་མགྱོགས་པར་འཛུལ་སྤྱོད་འབད་ནི་དང་ ཡང་ན་ འཕྲལ་འཕྲལ་སྦེ་རང་ལག་ལེན་འཐབ་དགོ་པའི་གློག་རིམ་ཚུ་ལུ་ མགྱོགས་པར་འཛུལ་སྤྱོད་འབད་ཐབས་ལུ་ དངོས་པོ་ཚུ་ ཌེཀསི་ཊོཔ་གུ་བཞག་ཚུགས། ལག་ལེན་པ་ཚུ་གིས་ ཌེཀསི་ཊོཔ་གི་མངའ་ཁོངས་གུ་ གཡས་ཀྱི་ཨེབ་གཏང་འབད་དེ་ ཌེཀསི་ཊོཔ་གི་རྒྱབ་གཞི་སོར་ ཟེར་མི་ སེལ་འཐུ་འབད་ཐོག་ལས་ ཌེཀསི་ཊོཔ་གི་ རྒྱབ་གཞི་ཚུ་སོར་ཚུགས།
ཌེཀསི་ཊོཔ་གི་རྒྱབ་གཞི་གསརཔ་དགོ་པ་ཅིན་ “http://art.gnome.org/backgrounds”, ནང་ལས་པབ་ལེན་འབད་ཚུགས། རང་དགའ་མི་རྒྱབ་གཞི་ཕབ་ལེན་འབད་དེ་གནས་ཁོངས་ཅིག་ནང་སྲུང་བཞག་འབད་ཞིནམ་ལས་གནས་ཁོངས་དེ་བརྒྱུད་དེ་བརྡ་འཚོལ་འབད་དེ་ རྒྱབ་གཞི་དེ་སེལ་འཐུ་འབད་ཚུགས། གཞན་ཡང་ དགའ་གདམ་དང་ བདག་སྐྱོང་ཚད་འཛིན་ པེ་ནཱལ་ ཕྱིར་བསྐྱོད་ སྒོ་བསྡམ་ནི་དང་གྲོགས་རམ་ཚུ་ཡང་ཌེཀསི་ཊོཔ་གུར་ཡོདཔ་ཨིན།

image

ནའུ་ཊི་ལཱསི་ ཡིག་སྣོད་འཛིན་སྐྱོང་པ: ནའུ་ཊི་ལཱསི་དེ་ ཡིག་སྣོད་དང་ སྣོད་འཛིན་དང་ ངོས་དཔར་ ཡང་ན་ཐོ་ ཡིག་ཐོ་ལས་སྟོན་ཚུགས་པའི་ སྔོན་སྒྲིག་ཡིག་སྣོད་འཛིན་སྐྱོང་པ་ཅིག་ཨིན། ཡིག་སྣོད་དང་སྣོད་འཛིན་ཚུ་ གསར་བསྐྲུན་འབད་ནིདང་ སྤོ་བཤུད་ འདྲ་བཤུས་ བསྐྱར་མིང་བཏགས་ནི་ རྩ་བསྐྲད་གཏང་ནི་ཚུ་ཡང་ ནའུ་ཊི་ལཱསི་གི་ཐོག་ལས་འབད་ཚུགས་
ལཱ་གི་བར་སྟོང: ལཱ་གི་བར་སྟོང་ཟེར་མི་དེ་ ཁྱོད་ཀྱིས་ལཱ་འབད་སའི་ས་སྒོ་ཅིག་ཨིན། ཇི་ནོམ་ཌེཀསི་ཊོཔ་དེ་ ལཱ་གི་བར་སྟོང་སོ་སོ་ལུ་ བགོ་བཏུབ་ནི་དང་ དེ་ནང་ ལཱ་གི་བར་སྟོང་གི་གྱང་ཁ་ གསལ་བཀོད་འབད་བཏུབ། ཁྱོད་ཀྱིས་ ལཱ་གི་བར་སྟོང་སོ་སོ་ལུ་ སོར་བསྒྱུར་འབད་བཏུབ་ཨིན་རུང་ དུས་གཅིག་ལུ་ ལཱ་གི་བར་སྟོང་གཅིག་མ་གཏོགས་ བཀྲམ་སྟོན་འབད་མི་ཚུགས།

image

པེ་ནཱལ་དང་ དཀར་ཆག་ཚུ་: དེ་གིས་ རིམ་ལུགས་ནང

འཇམ་ཏོང་ཏོ་སྦེ་འཛུལ་སྤྱོད་འབད་ནིའི་དོན་ལུ་ རིམ་ལུགས་ཀྱི་འཇུག་སྤྱོད་དང་ ངོས་དཔར་ དེ་ལས་དཀར་ཆག་ཚུ་སྟོནམ་ཨིན།

image

There are 3 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.3927 seconds