དམིགས་བསལ་གྱི་དཀར་ཆག་གསུམ:
༡. གློག་རིམ་--> དེ་ནང་ལུ་ ཡན་ལག་མཁོ་ཆས་ རྩེདམོ་ ཌི་བི་ཡཱན་ ཚད་རིས་ ཨིན་ཊར་ནེཊི་ ལས་རིམ་བཟོ་ལས་ ཡིག་ཚང་ སྒྲ་སྐད་དང་ཝི་ཌིའོ་ དེ་ལས་ རིམ་ལུགས་ཀྱི་ ལག་ཆས་ཚུ་ཡོདཔ་ཨིན།
༢. ས་གནས་
> དེ་ནང་ལུ་ ཁྱིམ་གྱི་སྣོད་འཛིན་ ཡོངས་འབྲེལ་སར་བར་ དང་ ཁྱད་རྣམ་འཚོལ་ཞིབ་ཚུ་ ཡོདཔ་ཨིན།
༣. ཌེཀསི་ཊོཔ
> དེ་ནང་ བདག་སྐྱོང་དང་ དགའ་གདམ་ གྲོགས་རམ་དང་ སྒོ་བསྡམ་ནི་ཚུ་ཡོདཔ་ཨིན།
ཚེས་གྲངས་དང་ ཆུ་ཚོད: ཚེས་གྲངས་དང་ཆུ་ཚོད་ཚུ་ ཇི་ནོམ་པེ་ནཱལ་གྱི་མགོའི་གཡས་ཟུར་ལུ་ཡོདཔ་ཨིན། ཚེས་གྲངས་དང་ཆུ་ཚོད་ཀྱི་མངའ་ཁོངས་གུ་ གཡོན་གྱི་ཨེབ་གཏང་འབད་ཐོག་ལས་ ཆུ་ཚོད་ཀྱི་དབྱེ་བ་དེ་ ཆུ་ཚོད་༡༢དང་ ཆུ་ཚོད་༢༤་གི་རིམ་ལུགས་ནང་སོར་བཏུབ།
དགའ་གདམ་ཚུ: ཇི་ནོམ་ཌེཀསི་ཊོཔ་སྲོལ་སྒྲིག་འབད་ནི་ལུ་ ཌེཀསི་ཊོཔ་>དགའ་གདམ་ཚུ་ ལུ་ཨེབ་གཏང་འབད།
ལས་ཀའི་ཕྲ་རིང: ལས་ཀའི་ཕྲ་རིང་དེ་ ཌེཀསི་ཊོཔ་གང་རུང་ལུ་ གཡོག་བཀོལ་བཞིན་ཡོད་པའི་ གློག་རིམ་གི་མགོ་མིང་ཚུ་སྟོན་མི་ ཨེཔ་ལེཊི་ཅིག་ཨིན།
ཇི་ནོམ་ ཨེཔ་ལེཊི: ཇི་ནོམ་ ཨེཔ་ལེཊི་དེ་ ཆེ་འཁོར་དང་སྐད་ཤུགས་ཚད་འཛིན་ ཡང་ན་ ཡོངས་འབྲེལ་གྱི་གནས་ཚད་བཀྲམ་སྟོན་ལ་སོགས་པའི་ཚད་འཛིན་ལུ་ འཇམ་ཏོང་ཏོ་སྦེ་འཛུལ་སྤྱོད་འབད་བཅུག་མི་གློག་རིམ་ཆུང་ཀུ་ཅིག་ཨིན།
ཕྱགས་ཧོད: དེ་ནང་ བཏོད་གཏང་ཡོད་པའི་ ཡིག་སྣོད་དང་ སྣོད་འཛིན་ཚུ་ཡོདཔ་ཨིན། ཕྱགས་ཧོད་ སྟོངམ་སྟོན་ནིའི་དོན་ལས་ ཕྱགས་ཧོད་ ངོས་དཔར་གུ་ གཡས་ཀྱི་ཨེབ་གཏང་འབད་ཞིནམ་ལས་ ཕྱགས་ཧོད་སྟོངམ་སྟོན་ ཟེར་མི་ལུ་ཨེབ་གཏང་འབད།
There are 2 comments on this page. [Display comments]