PAN L10n Wiki : Page23

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
ཇི་ནོམ་ ཌེཀསི་ཊོཔ་ སྲོལ་སྒྲིག
༡. ཇི་ནོམ་ པེ་ནཱལ་ནང་ དངོས་དཔར་ཁ་སྐོང་རྐྱབ་ནི: པེ་ནཱལ་གུར་གཡས་ཀྱི་ཨེབ་གཏང་འབད་ཞིནམ་ལས་ པེ་ནཱལ་ལུ་ཁ་སྐོང་རྐྱབ་ སེལ་འཐུ་འབད་ཐོག་ལས་ དངོས་དཔར་ཚུ་ ཌེཀསི་ཊོབ་ པེ་ནཱལ་གུར་ འཇམ་ཏོང་ཏོ་སྦེ་ ཁ་སྐོང་རྐྱབ་ཚུགས།

image

༢. ཌེཀསི་ཊོཔ་གི་བརྗོད་དོན་ཚུ: བརྗོད་དོན་ཚུ་ ཌེཀསི་ཊོཔ་>དགའ་གདམ་ཚུ་> བརྗོད་དོན་ཚུ་ ནང་ལས་སོར་བཏུབ། ཁྱོད་ཀྱིས་ངོས་དཔར་གྱི་ཆ་ཚན་སོ་སོ་དང་ མཐའ་མཚམས་ཀྱི་བཟོ་རྣམ་ཚུ་གི་བར་ན་ སོར་བསྒྱུར་འབད་བཏུབ།

image

༣.གསལ་གཞི་ཉེན་སྲུང: དེ་ གསལ་གཞི་ལག་ལེན་མ་འཐབ་པའི་སྐབས་ལུ་ གསལ་གཞི་གུ་ གཟུགས་བརྙན་ ཚབ་བཙུགས་འབད་མི་ གློག་རིམ་ཅིག་ཨིན།ཇི་ནོམ་ཌེཀསི་ཊོཔ་ནང་ལུ་ དེ་ལུ་ ཨེགསི་གསལ་གཞི་ཉེན་སྲུང་ཟེར་སླབ་ཨིན། དེ་ ཌེཀསི་ཊོཔ་>དགའ་གདམ་ཚུ་>གསལ་གཞི་ཉེན་སྲུང་ནང་ལས་སོར་བཏུབ།

image

༤. གསལ་གཞི་ཧུམ་ཆ: དེ་གཟུགས་བརྙན་གྱི་ གསལ་ཧིང་དང་ རྣོ་ཅན་ལུ་ གཞི་བསྟུན་འབདཝ་ཨིན། ཌེཀསི་ཊོཔ་>དགའ་གདམ་ཚུ> གསལ་གཞི་ཧུམ་ཆ་ནང་འགྱོ།

image

༥. ཡིག་གཟུགས: ཡིག་གཟུགས་ཀྱི་ཚད་དང་བཟོ་རྣམ་ཚུ་ ཌེཀསི་ཊོཔ་>དགའ་གདམ་ཚུ> ཡིག་གཟུགས་ ཚུ་ལུ་འགྱོ་ཐོག་ལས་ སོར་བཏུབ།

image

༦. ཇི་ནོམ་ ནང་བསྐྱོད་ གསལ་གཞི: ནང་བསྐྱོད་ གསལ་གཞི་དེ་ ཌེཀསི་ཊོཔ་>བདག་སྐྱོང་པ་>ནང་བསྐྱོད་ ཝིན་ཌོ་བརྒྱུད་དེ་ སོར་བཏུབ་མ་ཚད་ ལག་ལེན་པ་རྩ་བ་དེ་ ནང་བསྐྱོད་་ཝིན་ཌོ་ འདི་བརྒྱུད་དེ་ ནང་བསྐྱོད་འབད་ཐོག་ལས་ རང་བཞིན་ ནང་བསྐྱོད་འབད་ཚུགས།

image


There are 2 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.2935 seconds