གློག་རིག་གི་ ནང་བསྐྱོད་ ཕྱིར་བསྐྱོད་ ལོག་འགོ་བཙུགས་དང་ སྒོ་བསྡམ།
ནང་བསྐྱོད་: གཞི་བཙུགས་སྐབས་ གསར་བསྐྲུན་འབད་ཡོད་པའི་ ལག་ལེན་པའི་མིང་དང་ཆོག་ཡིག་བཙུགས་ཏེ་ ལག་ལེན་པ་ནང་བསྐྱོད་འབད་ཚུགས།
ལཱ་ཡུན་འདི་གི་དོན་ལུ་ སྐད་ཡིག་འདི་སོར་དགོ་པ་ཅིན་ ནང་བསྐྱོད་གསལ་གཞི་ནང་གི་ སྐད་ཡིག་དཀར་ཆག་ནང་ལས་ ཁྱོད་ར་དགོ་པའི་སྐད་ཡིག་འདི་གདམ་ཁ་རྐྱབས།
ཁྱོད་སྔོན་སྒྲིག་ཐོག་ལས་ “རྩ་་བ་” སྦེ་ནང་བསྐྱོད་འབད་མི་ཚུགས། ག་དེམ་ཅིག་སྦཻ་ ལག་ལེན་པ་ “རྩ་བ”སྦེ་ནང་བསྐྱོད་འབད་ནི་ཨིན་པ་ཅིན་ བྱ་བ་>་རིམ་སྒྲིག་ལུ་འགྱོ་དགོ དེ་ལས་སྲུང་སྐྱོབ་ལུ་སོང་ཞིནམ་ལས་ “རྩ་བ་དེ་ ཇི་ཌི་ཨེམ་དང་གཅིག་ཁར་ནང་བསྐྱོད་འབད་བཅུག་” ཟེར་མི་ལུ་ཨིན་རྟགས་བཀལ། ཁ་བསྡམས་ཨེབ་རྟ་གུ་ ཨེབ་གཏང་འབད་ཞིནམ་ལས་ རྩ་བའི་ཐོག་ལས་ནང་བསྐྱོད་འབད། “རྩ་བ་” དེ་ ཡང་དག་ལག་ལེན་པ་ཨིནམ་ལས་ དགོས་མཁོ་ཡོད་པ་ལུ་མ་གཏོགས་ “རྩ་བ་”འབད་ནང་བསྐྱོད་འབད་ནི་འདི་འོས་སྦྱོར་མེདཔ་ཨིནམ་ སེམས་ཁར་བཞག
ཕྱིར་བསྐྱོད་: ཌེཀསི་ཊོཔ་ལུ་འགྱོ་དེ་ལས་ དཀར་ཆག་པེ་ནཱལ་འདི་ནང་ཕྱིར་བསྐྱོད་འབད། ད་ལྟོའི་ཤུགས་ལྡན་ཡོད་མི་་གློག་རིམ་འདི་ ཤུལ་མའི་ནང་བསྐྱོད་སྐབས་སྔོན་སྒྲིག་འབད་གཡོག་བཀོལ་ནིའི་དོན་ལུ་ ' ད་ལྟོའི་གཞི་སྒྲིག་སྲུངས་' ཟེར་མི་ལུ་ཨིན་རྟགས་བཀལ། ཕྱིར་བསྐྱོད་མགྱོགས་ཐབས་ལུ་ -->ཚད་འཛིན་(CTRL)+གདམ་ལྡེ་(ALT)+རྒྱབ་བཤུད་(BACKSPACE)ཚུ་མཉམ་གཅིག་ཨེབ་དགོ།
སྒོ་བསྡམས་ནི་ དང་ ལོག་འགོ་བཙུགས་ནི་: དང་པ་རང་ ཌེཀསི་ཊོཔ་
>སྒོ་བསྡམས་ལུ་འགྱོ་དགོ་ འདི་ནང་ ཁྱོད་ཀྱིས་ ཁྱོད་རའི་གློག་རིག་འདི་
སྒོ་བསྡམས་ ཡང་ན་ ལོག་འགོ་བཙུགས་འབད་ཚུགས།