PAN L10n Wiki : Page37

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register

རྫོང་ཁ་ ལྡེ་སྒྲོམ

གློག་རིམ་ལྡེ་སྒྲོམ་དེ་ མཛུབ་སྣོན་ ལྕགས་པར་ལྡེ་སྒྲོམ་གྱི་ཤུལ་ལས་ དཔེ་གཟུགས་བཟོ་དེ་ དེ་ནང་ ཚིག་ཡིག་དང་ཡིག་འབྲུ་་ཚུ་ཨིན་པུཊི་འབད་ནིའི་དོན་ལས་ བཀོད་སྒྲིག་འབད་ཡོདཔ་དང་ འདི་གིས་ གློག་རིམ་ གཡོག་བཀོལ་གྱི་ ཚད་འཛིན་ཡང་འབདཝ་ཨིན། རྫོང་ཁའི་ ལྡེ་སྒྲོམ་ སྒྲིག་བཀོད་དེ་ རྫོང་ཁ་གོང་འཕེལ་དབང་འཛིན་དང་ བརྡ་དོན་འཕྲུལ་རིག་ལས་ཁུངས་གཉིས་ཀྱིས་ བཀོད་སྒྲིག་འབད་འབདཝ་ཨིན།
པེ་ནཱལ་གུར་ ལྡེ་སྒྲོམ་ སྤྱོད་ཆས་ བཀྲམ་སྟོན་འབད་ནིའི་དོན་ལས་:

པེ་ནཱལ་གུར་ གཡས་ཀྱི་ ཨེབ་གཏང་འབད་ཞིནམ་ལས་ པེ་ནཱལ་འདི་ལུ་ ཁ་སྐོང་རྐྱབས་ སེལ་འཐུ་འབད།

image

པེ་ནཱལ་གུར་ སྔོན་སྒྲིག་ ལྡེ་སྒྲོམ་ སྟོན་ནིའི་དོན་ལས་ ལྡེ་སྒྲོམ་ བརྡ་སྟོན་པ་ གདམ་ཁ་རྐྱབ་ཞིནམ་ལས་ ཁ་སྐོང་རྐྱབས་ ཨེབ་གཏང་འབད( དཔེར་ན་ ཡུ་ཨེསི་ཨེ).

image

པེ་ནཱལ་གུར་ ལྡེ་སྒྲོམ་ བརྡ་སྟོན་པ་ གུར་ གཡས་ཀྱི་ཨེབ་གཏང་འབད་ཞིནམ་ལས་ ལྡེ་སྒྲོམ་གྱི་དགའ་གདམ་ཚུ་ཕྱེ་ སེལ་འཐུ་འབད།
སྒྲིག་བཀོད་ མཆོང་ལྡེ་ ལུ་ཨེབ་གཏང་འབད་ཞིནམ་ལས་ ཁ་སྐོང་རྐྱབས་ ཨེབ་རྟ་སེལ་འཐུ་འབད། དེ་ལས་ བྱིན་ཏེ་ཡོད་ ཡོད་མི་ སྒྲིག་བཀོད་ཚུ་ ལས་ རྫོང་ཁ་ ལྡེ་སྒྲོམ་ སེལ་འཐུ་འབད་ཞིནམ་ལས་ བཏུབ་ ཨེབ་གཏང་འབད། ད་ཁྱོད་ཀྱིས་ ལྡེ་སྒྲོམ་ སྒྲིག་བཀོད་ གཉིས་ཀྱི་བར་ན་ གདམ་ཁ་རྐྱབ་བཏུབ་ དེ་ཡང་ རྫོང་ཁ་དང་ USA.

image

སྒྲིག་བཀོད་ གདམ་ཁ་ཚུ་ ཨེབ་གཏང་འབད།
ཁྱོད་རའི་ གདམ་ཁ་གི་ སོར་སྟོན་ ལྡེ་མིག་ཚུ་ སེལ་འཐུ་འབད་ནིའི་དོན་ལས་ ཐོབ་ཚུགས་པའི་གདམ་ཁ་ཚུ་ ཨེབ་གཏང་འབད། (དཔེར་ན་ རྫོང་ཁ་ ལྡེ་སྒྲོམ་ དང་ USA ལྡེ་སྒྲོམ་ གཉིས་ཀྱི་བར་ན་ སོར་ནིའི་དོན་ལས་ པེ་ནཱལ་གུར་ཡོད་མི་ ལྡེ་སྒྲོམ་ བརྡ་སྟོན་པ་གུར་ཨེབ་གཏང་འབད།)

There are 2964 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.1913 seconds