PAN L10n Wiki : Page4

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
རྫོང་ཁ་ལི་ནགསི་ལུ་ གཞི་བཙུགས་འབད་ཐངས་རྣམ་པ་གཉིས་ཡོད། དེ་ཡང་ བཀོལ་སྤྱོད་རིམ་ལུགས་མེད་པའི་ཧརཌི་ཌ་ཡིབ་གསརཔ་ཅིག་ནང་གཞི་བཙུགས་འབད་ནི་དང་ ཟུང་ལྡན་སྦེ་བུཊི་འབད་བཏུབ་ནི་གི་དོན་ལུ་ ཝིན་ཌཱོསི་བཀོལ་སྤྱོད་རིམ་ལུགས་དང་བཅས་ གཞི་བཙུགས་འབད་ནི་བཅས་གཉིས་ཨིན། གཞི་བཙུགས་འབད་ནིའི་ཐབས་ལམ་གཉིས་ཀུ་ འོག་ལུ་ཁ་གསལ་སྦེ་བཀོད་དེ་ཡོད།

རྫོང་ཁ་ལི་ནགསི་འདི་ ཧརཌི་ཌ་ཡིབ་གསརཔ་ཅིག་ནང་ གཞི་བཙུགས་འབད་ཐངས།
བཀོལ་སྤྱོད་རིམ་ལུགས་ ཡང་ན་ ཧེ་མ་ལས་གནད་སྡུད་མེད་པའི་ཧརཌི་ཌ་ཡིབ་གསརཔ་ཅིག་ནང་ གཞི་བཙུགས་འབད་ནི་འདི་ ཐབས་ལམ་འཇམ་ཤོས་ཅིག་ཨིན། དེ་ཡང་ ག་ཅི་སྦེ་སྨོ་ཟེར་བ་ཅིན་ ལག་ལེན་པ་གིས་ ཧརཌི་ཌ་ཡིབ་ བར་བཅད་ག་ནི་ཡང་འབད་མ་དགོ་པར་ ཕྲང་ཕྲང་ར་ གཞི་བཙུགས་འབད་བཏུབ་ཨིན།
གཞི་བཙུགས་པའི་གསལ་གཞི་ “བར་བཅད་ཌིཀསི་”ནང་ ལག་ལེན་པའི་དོན་ལུ་ གདམ་ཁ་གཉིས་སྦེ་ཡོདཔ་ཨིན། ཁྱོད་ཀྱིས་ “ལམ་སྟོན་ཅན་ - ཌིཀསི་ཧྲིལ་བུ་ལག་ལེན་འཐབ་ “འདི་ གདམ་ཁ་བརྐྱབ་པ་ཅིན་ རྫོང་ཁ་ལི་ནགསི་གི་ཌིཀསི་ཧྲིལ་བུ་ལག་ལེན་འཐབ་པའི་ཁར་ ཌིཀསི་གི་བར་སྟོང་ རྩིས་བཏོན་ཞིནམ་ལས་ རང་བཞིན་གྱིས་ བར་བཅད་བཟོ་འོང་།

image

དེ་གི་ཤུལ་མའི་གསལ་གཞི་ནང་ ཧརཌི་ཌིཀསི་ཐོ་ཡིག་ཅིག་སྟོན་འོང་། ག་དེམ་ཅིག་འབད་ རིམ་ལུགས་འདི་ལུ་ ཧརཌི་ཌིཀསི་གཅིག་ལས་ལྷག་སྟེ་ཡོད་པ་ཅིན་ རྫོང་ཁ་ལི་ནགསི་གཞི་བཙུགས་འབད་ནི་ཨིན་པའི་ཧརཌི་ཌིཀསི་འདི་གདམ་ཁ་རྐྱབ་ཞིནམ་ལས་ “འཕྲོ་མཐུད་”ལུ་ ཨེབ་གཏང་འབད།

image

དེ་ལས་ “ཡིག་སྣོད་ཆ་མཉམ་ བར་བཅད་གཅིག་ནང་བཞག་༼ལག་ལེན་པ་གསརཔ་ཚུ་ལུ་ འོས་སྦྱོར་འབད་ཡོད་མི་༽” འདི་ སེལ་འཐུ་འབད་ཞིནམ་ལས་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

དེ་གི་ཤུལ་ལས་ ཧརཌི་ཌིཀསི་འདི་ བར་བཅད་དང་རྩ་སྒྲིག་ག་དེ་སྦེ་ བཟོ་ནི་ཨིན་ན་སྟོན་འོང་། དེ་བསྒང་ ཧརཌི་ཌིཀསི་འདི་ བར་བཅད་དང་རྩ་སྒྲིག་མ་འབད་བར་ཡོད་ནི་ཨིནམ་ལས་ ཧེ་མའི་རིམ་སྒྲིག་མ་བཏུབ་ཡོད་མི་ཚུ་ བསྒྱུར་བཅོས་འབད་ནི་ལུ་ “ལོག་འགྱོ་ “ལུ་ ཨེབ་གཏང་འབད་བཏུབ་ཨིན།
ཁྱོད་ཀྱི་བར་བཅད་འདི་བཏུབ་པ་ཅིན་ “བར་བཅད་མཇུག་བསྡུ་ཡོདཔ་ལས་ བསྒྱུར་བཅོས་ཚུ་ ཌིཀསི་ལུ་བྲིས་ “འདི་ སེལ་འཐུ་འབད་ཞིནམ་ལས་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

ཤུལ་མའི་གསལ་གཞི་ནང་ གཞི་བཙུགསཔ་གིས་ བསྒྱུར་བཅོས་ཚུ་ ཌིཀསི་ལུ་བྲིས་ནི་ཨིན་ན་མེད་ན་ དོ་རུང་ཚར་ཅིག་འབྲི་འོང་། དེ་བསྒང་ “ཨིན་”འདི་ སེལ་འཐུ་འབད་ཞིནམ་ལས་ ཧརཌི་ཌིཀསི་ བར་བཅད་དང་རྩ་སྒྲིག་འབད་ནི་འགོ་བཙུགས་ནི་གི་དོན་ལས་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

རྫོང་ཁ་ལི་ནགསི་འདི་ ཝིན་ཌོསི་དང་གཅིག་ཁར་ ཟུང་འབྲེལ་བུཊི་འབད་བཏུབ་སྦེ་ གཞི་བཙུགས་འབད་ཐངས།
ཝིན་ཌོསི་ཡོད་པའི་གློག་རིག་གུ་ རྫོང་ཁ་ལི་ནགསི་གཞི་བཙུགས་འབད་བའི་སྐབས་ ཧརཌི་ཌིཀསི་སྟོངམ་བཏོན་ནི་དང་ ཝིན་ཌོསི་བར་བཅད་ཀྱི་ཚད་ བསྐྱར་བཟོ་འབད་ནི་བཅས་ རྣམ་པ་གཉིས་སྦེ་ཡོད། གོ་རིམ་ཚུ་ཁ་གསལ་སྦེ་ འོག་ལུ་བཀོད་དེ་ཡོད་:




There are 112 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.3656 seconds