PAN L10n Wiki : Page41

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register

ཡིག་སྣོད་དང་སྣོད་འཛིན་ཛུ་དང་གཅིག་ཁར་ལཱ་འབད་ཐངས།

ཡིག་སྣོད་ཟེར་མི་འདི་ གློག་རིག་ནང་ལུ་རང་སོའི་མིང་དང་བཅས་སྦཻ་བཙུགས་ཡོད་མི་ གནས་སྡུད་དང་བརྡ་དོན་མ་འདྲཝ་ཚུ་བསྡུ་གསོག་འབད་ས་ཨིན། ཡིག་སྣོད་འདི་ལུ་ཡང་ལྷམ་པ་མ་འདྲཝ་ལེ་ཤ་ཡོད་ དཔེར་ན་ ཚིག་ཡིག་གི་ཡིག་སྣོད་ ལས་རིམ་གྱི་ཡིག་སྣོད་ གནས་སྡུད་ཀྱི་ཡིག་སྣོད་ སྣོད་ཐོའི་ཡིག་སྣོད་ཟེར་ཡཡིག་སྣད་མ་འདྲཝ་སོ་སོ་ལེ་ཤ་ཡོད་མི་ཚུ་ནང་ལུ་ བརྡ་དོན་མ་འདྲཝ་ཚུ་ཡོདཔ་ཨིན། དཔེ་འབད་བ་ཅིན་ ཚིག་ཡིག་གི་ཡིག་སྣོད་ནང་ལུ་ ཚིག་ཡིག་རྐྱངམ་ཅིག་འོང་ནི་དང་ འདི་དང་འདྲཝ་སྦེ་ ལས་རིམ་གྱྀ་ཡིག་སྣོད་ནང་ལུ་ ལས་རིམ་ཚུ་རྐྱངམ་ཅིག་འོངམ་ཨིན།

༡༽ ཡིག་སྣོད་དང་སྣོད་འཛིན་འདྲ་བཤུས་འབད་ཐངས།
ཁྱོད་ར་གྱིས་ཡིག་སྣོད་དང་སྡོན་འཛིན་ག་འདི་ འདྲ་བཤུས་བརྐྱབ་ནི་ཨིན་ན་ འདི་ལུ་གཡས་ཀྱི་ཨེབ་གཏང་འབད་ཞིནམ་ལས་ འདྲ་བཤུས་རྐྱབས་ ཟེར་མི་འདི་གུ་ཨེབ་གཏང་འབད།

image
image

༢༽ ཁྱོད་ར་ཡིག་སྣོད་དང་སྣོད་འཛིན་ཚུ་ ག་སྟེ་ལུ་འདྲ་བཤུས་བརྐྱབ་ནི་ཨིན་ན་ འདྲ་བཤུས་བརྐྱབ་ནིའི་ས་ཁོངས་འདི་ངོས་འཛིན་འབད་ཞིནམ་ལས་ དེ་ནང་གཡས་ཀྱི་ཨེབ་གཏང་འབད་བའི་ཐོག་ལས་ སྦྱར་ ཟེར་མི་འདི་གུ་ཨེབ་གཏང་འབད།

image

There are 6 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.4430 seconds