PAN L10n Wiki : Page56

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register

ཊོ་ཊེམ་གློག་བརྙན་གཏང་འཕྲུལ་དེ་ལུ་ འོག་གི་ཆ་ཤས་ཚུ་ཡོད་:

དཀར་ཆག་ཕྲ་རིང་: དཀར་ཆག་ཕྲ་རིང་གུ་ཡོད་པའི་ དཀར་ཆག་ཚུ་ནང་ ཊོ་ཊེམ་གློག་བརྙན་གཏང་འཕྲུལ་ ལག་ལེན་འཐབ་ནི་ལུ་མཁོ་བའི་ བརྡ་བཀོད་ཆ་མཉམ་ཡོད།

image

༡. བཀྲམ་སྟོན་མངའ་ཁོངས་: འདི་གིས་ གློག་བརྙན་ཡང་ན་ གླུ་གཞས་ཀྱི་མཐོང་གསལ་ཚུ་ བཀྲམ་སྟོན་འབདཝ་ཨིན།

image

༢. དུས་རྫོགས་བཤུད་བྱེད་: དེ་གིས་ གཏང་བའི་བསྒང་ཡོད་པའི་གློག་བརྙན་ ཡང་ན་ གླུ་གཞས་དེ་གི་དུས་ཚོད་རྫོགས་མི་དེ་སྟོནམ་
ཨིན། དེ་ལུ་བརྟེན་ཏེ་ཁྱོད་ཀྱིས་གློག་བརྙན་ ཡང་ན་ གླུ་གཞས་དེ་གདོང་ཁར་དང་ རྒྱབ་ཁར་གོམ་འགྱོ་ཚུགས།

image

༣. འཚོལ་འཛིན་ཨེབ་རྟ་: འཚོལ་འཛིན་ཨེབ་རྟ་འདི་གིས་ གླུ་རིམ་ཤུལ་མམ་ལུ་འགྱོ་ནི་དང་ ཧེ་མམ་ལུ་འགྱོ་ནི་ དེ་ལས་གློག་བརྙན་
ཡང་ན་ གླུ་གཞས་ཐེམ་ནིའམ་གཏང་ནི་ཚུ་འབད་བཏུབ་ཨིན།

image

༤. སྐད་ཤུགས་བཤུད་བྱེད་: འདི་གིས་ སྐད་ཤུགས་མཐོ་དམན་བདེ་སྒྲིག་འབད་བཏུབ་ཨིན།

image

༥. གནས་ཚད་ཕྲ་རིང་: འདི་གིས་ གཏོང་བཞིན་ཡོད་པའི་ གློག་བརྙན་ ཡང་ན་ གླུ་གཞས་དེ་གི་སྐོར་ལས་ གནས་ཚད་བརྡ་དོན་
ཚུ་བྱིནམ་ཨིན།

image

There are 99 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.4857 seconds