PAN L10n Wiki : Page59

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register

ཌི་བི་ཌི་ ཝི་སི་ཌི་ ཡང་ན་ སི་ཌི་ཚུ་གཏང་ནི་ལུ་

ཌི་བི་ཌི་ བི་སི་ཌི་ཡང་ན་ སི་ཌི་ཐབས་འཕྲུལ་ལུ་ ཌི་བི་ཌི་ ཝི་སི་་ཌི་ ཡང་ན་ སི་ཌི་ཅིག་བཙུགས་ཏེ་ གློག་བརྙན་>ཌི་བི་ཌི་གཏང་ནི་ ཡང་ན་ གློག་བརྙན་>བི་སི་ཌི་གཏང་ནི་ཡང་ན་གློག་བརྙན་>སི་ཌི་གཏང་ཟེར་མི་གུ་ཨེབ་གཏང་འབད།

image

ཌི་བི་ཌི་ ཝི་སི་ཌི་ཡང་ན་ སི་ཌི་འདི་ཕྱིར་བཏོན་འབད་ནིའི་དོན་ལུ་ གློག་བརྙན་>ཕྱིར་བཏོན་ ལུ་འགྱོ་དགོ།
གློག་བརྙན་ཡང་ན་ གླུ་གཞས་ གཏང་ནི་དང་ཐེམ་ནིའི་དོན་ལུ་ འཚོལ་་འཛིན་ཨེབ་རྟ་ གུ་ཨེབ་གཏང་འབད་དགོ་ ཡང་ན་ གློག་བརྙན་>གཏང་>ཐེམ་ ལུ་འགྱོ་ནི་དང་ བསྐྱར་ལོག་འབད་ནིའི་དོན་ལུ་ཡང་ རིམ་པ་འདི་ཅོག་འཐདཔ་རྗེས་སུ་འབྲང་།

image

གློག་བརྙན་ ཡང་ན་ གླུ་གཞསཅིག་གི་རྒྱུ་དངོས་ཚུ་བལྟ་ནིའི་དོན་ལུ་ གློག་བརྙན་>རྒྱུ་དངོས་ཚུ་ ལུ་འགྱོ་དགོ
གློག་བརྙན་ ཡང་ན་ གླུ་གཞས་ཚུ་འཚོལ་ནི་ལུ་:
༡. གདོང་ཁར་གོམ་འགྱོ་ནིའི་དོན་ལུ་ འགྱོ་>གདོང་ཁར་གོམ་ གུ་ཨེབ་གཏང་འབད།

image

༢. རྒྱབ་ཁར་གོམ་འགྱོ་ནིའི་དོན་ལུ་ འགྱོ་>རྒྱབ་ཁར་གོམ་གུ་ཨེབ་གཏང་འབད།

image

༣. དམིགས་བསལ་དུས་རྫོགས་ཅིག་ལུ་གོམ་འགྱོ་ནི་ལུ་ འགྱོ>ལུ་གོམ་འགྱོ་ ཟེར་མི་ལུ་ཨེབ་གཏང་འབད་དེ་ སྒྱིར་སྒྲོམ་ལག་ལེན་འཐབ་
ཐོག་ལས་ གོམ་འགྱོ་སའི་དུས་རྫོགས་གསལ་བཀོད་འབད་དེ་ བཏུབ་ ཟེར་མི་ལུ་ཨེབ་གཏང་འབད།

image

གསལ་གཞི་གངམ་བལྟ་ནིའི་དོན་ལུ་ མཐོང་སྣང་>གསལ་གཞི་གངམ་ འདི་གདམ་ཁ་རྐྱབས་ནི་དང་ གསལ་གཞི་གངམ་འདི་ཕྱིར་ཐོན་འབད་ནིའི་དོན་ལུ་ ཨི་ཨེསི་སི་(ESC)འདི་མནན་ནི་དང་ཡང་ན་ ཐར་ ཟེར་མི་ལྡེ་མིག་ལུ་ཨེབ་གཏང་འབད།

There are 1685 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.2163 seconds