PAN L10n Wiki : Page8

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
“བར་བཅད་ཌིཀསི་” གསལ་གཞིའི་ནང་ གདམ་ཁ་ “ལག་དེབ་” འདི་ གདམ་ཁ་རྐྱབ་ཞིནམ་ལས་ འཕྲོ་མཐུད་ལུ་ཨེབ་གཏང་འབད།
image

དེ་གི་ཤུལ་ལས་ ད་ལྟོའི་ཌིཀསི་བར་བཅད་ཀྱི་སྤྱི་མཐོང་འདི་སྟོན་འོང་། དེ་གུ་ ཧེ་མ་ལས་ ཝིན་ཌོསི་ཡོདཔ་ལས་ ཝིན་ཌོསི་གི་བར་བཅད་ཚུ་ཡང་སྟོན་འོང་། དེ་འབདཝ་ལས་ ང་བཅས་ཀྱིས་ རྫོང་ཁ་ལི་ནགསི་གཞི་བཙུགས་འབད་སའི་ས་སྟོང་བཞག་དགོཔ་ལས་ ཚད་བསྐྱར་བཟོ་འབད་དགོ།

image

ཚད་ བསྐྱར་བཟོ་འབད་ནི་ཨིན་མི་ ཝིན་ཌོསི་བར་བཅད་གུ་ ཚར་གཉིས་ཨེབ་གཏང་འབད། དོ་རུང་ “ཚད་ བསྐྱར་བཟོ་འབད་” ལུ་ ཚར་གཉིས་ཨེབ་གཏང་འབད།

image

དེ་གི་ཤུལ་མའི་གསལ་གཞི་ནང་ “ཧེ་མའི་བསྒྱུར་བཅོས་ཚུ་ ཌིཀིས་ལུ་བྲིས་ཏེ་འཕྲོ་མཐུད་ནི་ཨིན་ན?” བྲིས་འོང་། “ཨིན་” སེལ་འཐུ་འབད་དེ་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

དེ་ལས་ ཚིག་ཡིག་སྒྲོམ་ཅིག་སྟོན་འོང་ དེ་ནང་ ང་བཅས་ཀྱིས་ ཝིན་ཌོསི་བར་བཅད་ཀྱི་ཚད་གསརཔ་ཅིག་གསར་བསྐྲུན་འབད་དགོཔ་ཨིན། ཚད་བསྐྱར་བཟོ་འབད་བའི་སྐབས་ལུ་དྲན་པ་ཐེབས་ཅིག་ སྟོན་དགོ་ ག་ཅི་འབད་ཟེར་བ་ཅིན་ ད་ལྟོ་ང་བཅས་ཀྱིས་ ཚིག་ཡིག་སྒྲོམ་ནང་གསར་བསྐྲུན་འབད་མི་ བར་བཅད་ཀྱི་ཚད་གསརཔ་བཟོ་མི་འདི་ རྫོང་ཁ་ལི་ནགསི་གི་བར་བཅད་མེན་པར་ ཝིན་ཌོསི་བར་བཅད་ཀྱི་ཚད་གསརཔ་/བསྐྱར་བཟོ་འབད་ཡོད་མི་འདི་ཨིན། དཔེར་ན་ ཇི་བི་ ༨༠ འབད་མི་ ཧརཌི་ཌིཀསི་གུ་ བར་བཅད་གཅིག་རྐྱངམ་ཅིག་༼ཝིན་ཌོསི་ནང་འབད་བ་ཅིན་ འདྲེན་འཕྲུལ་ སི་འདི་ཨིན་༽བཟོ་སྟེ་ དེ་ནང་ ཝིན་ཌོསི་བཙུགས་ཏེ་ཡོདཔ་ཨིནམ་དང་ དེའི་ནང་ལས་ ཇི་བི་ ༢༠ དེ་ཅིག་ རྫོང་ཁ་ལི་ནགསི་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པ་ཅིན་ བར་བཅད་ཚད་བསྐྱར་བཟོ་འབད་མི་ ཇི་བི་ ༦༠ ༼དེ་ཡང་ ༨༠-༢༠=༦༠༽འདི་ ཝིན་ཌོསི་གི་དོན་ལུ་ཨིན། དེ་གིས་སྦེ་ ཚིག་ཡིག་སྒྲོམ་ནང་ ཝིན་ཌོསི་གི་དོན་ལུ་ ཇི་བི་ ༦༠ བཙུགསཔ་ཨིན། ཚད་ཚུ་དཀྲིགས་དཀྲིགས་སྦེ་བཟོ་ཞནམ་ལས་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

ཤུལ་མའི་གསལ་གཞི་ནང་ མཐའ་མཇུག་གི་ཌིཀསི་བར་བཅད་གནས་ཚད་སྟོན་འོང་། དེ་ནང་ ཝིན་ཌོསི་བར་བཅད་དང་ རྫོང་ཁ་ལི་ནགསི་གཞི་བཙུགས་ཀྱི་དོན་ལུ་ གསར་བསྐྲུན་འབད་ཡོད་པའི་བར་སྟོང་སྟོངམ་འདི་ སྟོན་འོང་། བར་བཅད་ཐོ་ཡིག་ནང་ལས་ བར་སྟོང་སྟོངམ་འདི་སེལ་འཐུ་འབད་དེ་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

དེ་ལས་ གསར་བསྐྲུན་འབད་ཡོད་པའི་བར་སྟོང་སྟོངམ་འདི་ ལག་ལེན་ག་དེ་སྦེ་འཐབ་ནི་ཨིན་ན་ གདམ་ཁ་བརྐྱབ་ནི་ཡོདཔ་ཨིན། ད་ལྟོ་ ང་བཅས་ཀྱིས་ “བར་སྟོང་སྟོངམ་འདི་ རང་བཞིན་གྱིས་ བར་བཅད་བཟོ་བ་” སེལ་འཐུ་འབད་ཞིནམ་ལས་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

དེ་གི་ཤུལ་ལས་ ལག་ལེན་པ་གསརཔ་གི་དོན་ལུ་ འོས་སྦྱོར་འབད་དེ་ཡོད་མི་ “ཡིག་སྣོད་ཆ་མཉམ་ བར་བཅད་གཅིག་ནང་བཞག་” འདི་ སེལ་འཐུ་འབད།

image

དེ་གི་ཤུལ་མའི་གསལ་གཞི་ནང་ མཐའ་མཇུག་གི་ཌིཀསི་བར་བཅད་གནས་ཚད་འདི་སྟོན་འོང་། དེ་ནང་ ཝིན་ཌོསི་བར་བཅད་དང་ གཞི་བཙུགསཔ་གིས་ རང་བཞིན་གྱིས་ གསར་བསྐྲུན་འབད་ཡོད་མི་ ལི་ནགསི་བར་བཅད་ཡང་སྟོན་འོང་། “བར་བཅད་བཟོ་ཚརཝ་ལས་ ཌིཀསི་ལུ་ བསྒྱུར་བཅོས་ཚུ་བྲིས་” སེལ་འཐུ་འབད་ཞིནམ་ལས་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

དེ་ལས་ ཌིཀསི་ལུ་བསྒྱུར་བཅོས་ཚུ་འབྲི་ནི་ཨིན་མེན་འདྲི་བའི་སྐབས་ “ཨིན་” སེལ་འཐུ་འབད་དེ་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

༦. ཌིཀསི་བར་བཅད་བཟོ་ནི་ མཇུག་བསྡུ་སྟེ་ ནཱ་ལས་མར་ ག་ནི་ཡང་འབད་མ་དགོ་པར་ “འཕྲོ་མཐུད་” ལུ་ཨེབ་གཏང་འབད་ཡི་ར་འགྱོ་ནི་ཨིན།
༧. ཁག་ཆེ་ཤོས་ཅིག་ “ཐུམ་སྒྲིལ་འཛིན་སྐྱོང་པ་ རིམ་སྒྲིག་འབད་” ཟེར་མི་གསལ་གཞི་འདི་ཨིན། དེ་ནང་ལུ་ གཞི་བཙུགསཔ་གིས་གཞི་བཙུགས་ཀྱི་དོན་ལས་ “ཡོངས་འབྲེལ་ངོ་འཆར་ཅིག་ ལག་ལེན་འཐབ་” འདི་ སེལ་འཐུ་འབད་ནི་ཨིན་མིན་འདྲི་བའི་སྐབས་ “མེན་” སེལ་འཐུ་འབད་དགོ།

image

༨. དེའི་ཤུལ་ལས་ མཉེན་ཆས་སེལ་འཐུའི་གསལ་གཞི་ཅིག་སྟོན་འོང་། རྫོང་ཁ་ལི་ནགསི་འདི་ ཌེགསི་ཊོཔ་ པི་སི་གུ་ གཞི་བཙུགས་འབདཝ་ཨིན་པ་ཅིན་ “ཌེགསི་ཊོཔ་མཐའ་འཁོར་” དང་ “ཚད་ལྡན་རིམ་ལུགས་” འདི་ སེལ་འཐུ་འབད། དེ་མེན་པར་ ལེཔ་ཊོཔ་ཨིན་པ་ཅིན་ གོང་གི་གཉིས་ཀུ་སེལ་འཐུ་འབད་བའི་ཁར་ “ལེཔ་ཊོཔ་” ཡང་སེལ་འཐུ་འབད་དགོ། མཉེན་ཆས་ཚུ་ སེལ་འཐུ་འབད་བའི་ཤུལ་ལུ་ གཞི་བཙུགས་ངོ་མ་འདི་ འགོ་བཙུགསཔ་ཨིནམ་ལས་ མཇུག་མ་བསྡུའི་བར་ དུས་ཚོད་ཨ་ཙི་འགོར་འོང་།

image

༩. གསལ་གཞི་ཤུལ་མམ་ནང་ ཁྱོད་ཀྱིས་ ཇི་ཨར་ཡུ་བི་ བུཊི་ མངོན་གསལ་པ་ གདམ་ཁ་བརྐྱབ་ནི་ཨིན་མིན་ སྟོན་འོང་། ཇི་ཨར་ཡུ་བི་གིས་ གློག་རིག་འགོ་བཙུགསཔ་ད་ བུཊི་འབད་ནི་ལུ་ བཀོལ་སྤྱོད་རིམ་ལུགས་གདམ་ཁ་བརྐྱབ་ཚུགསཔ་ བཟོཝ་ཨིན། ཁྱོད་ཀྱིས་ “ཨིན་” འདི་གདམས་ཞིནམ་ལས་ འཕྲོ་མཐུད་ལུ་ཨེབ་གཏང་འབད།

image

༡༠. མཇུག་ར་ “གཞི་བཙུགས་མཇུག་བསྡུ་ཡི་” ཟེར་ གསལ་གཞི་ཅིག་སྟོན་འོང་། དེ་སྟོནམ་དང་འབྲེལ་ གཞི་བཙུགས་སི་ཌི་འདི་ཡང་ ཕྱིར་བཏོན་འབད་འོང་། སི་ཌི་-འདྲེན་འཕྲུལ་ནང་ལས་ སི་ཌི་བཏོན་ཏེ་ འཕྲོ་མཐུད་ལུ་ ཨེབ་གཏང་འབད། ད་འབདན་ གཞི་བཙུགས་འབད་ཚར་ཏེ་ གློག་རིག་འདི་ རང་བཞིན་གྱིས་ རི་བུཊི་འབད་འོང་།

image

༡༡. གཞི་བཙུགས་འགོ་བཙུགས་ཞིནམ་ལས་ཚུར་ ལག་ལེན་པའི་མིང་དང་ཆོག་ཡིག་བཙུགས་མ་དགོ་མི་འདི་ ག་ཅི་འབད་སྨོ་ཟེར་བ་ཅིན་ ང་བཅས་ རྫོང་ཁ་ལི་ནགསི་ནང་ ལག་ལེན་པ་དང་ལག་ལེན་པའི་མིང་ དེ་ལས་ བདག་སྐྱོང་ལག་ལེན་པ་༼རྩ་བ་༽འདི་ ཧེ་མ་ལས་ “bhutan” (འདྲེན་ཚིག་མ་བཀོད་པར་)འདི་ སྔོན་སྒྲིག་འབད་དེ་ཡོདཔ་ཨིན། རིམ་ལུགས་གསརཔ་དེ་ནང་ ནང་བསྐྱོད་འབདཝ་ད་ ལག་ལེན་པའི་མིང་དང་ཆོག་ཡིག་གཉིས་ཆ་ར་ནང་ “bhutan” སྦེ་ ལག་ལེན་འཐབ་དགོཔ་ཨིན།


There are 105 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.3671 seconds